网站首页 新闻中心 政府信息公开 政务服务 旅游资讯 党建动态 专题专栏 招商引资
当前位置: 首页>新闻中心>焦点新闻

短评:奋勇向前,中国精神!

来源: 西藏卫视+微信公众号 作者: 发布时间: 2020-02-20

དཔའ་ངར་ཆེར་སྐྱེད་ཀྱིས་མདུན་བསྐྱོད་བྱེད་པ་ནི་

ཀྲུང་གོའི་སྙིང་སྟོབས་ཡིན།

དུས་ཚོད་དང་འགྲན་བསྡུར་བྱས་ནས་རིམས་ནད་དང་འཐབ་རྩོད་བྱེད་པར་གང་འདྲ་ཞིག་ལ་བརྟེན་དགོས་སམ། འདི་ནི་ཚན་རིག་དང་མཐུན་པ་དང་དམངས་སེམས་གཅིག་མཐུན་དང་དཔའ་ངར་ཆེར་སྐྱེད་ཀྱི་མདུན་བསྐྱོད་སྙིང་སྟོབས་ལ་བརྟེན་དགོས་པ་དེ་ཡིན།

མི་ལ་སྙིང་སྟོབས་ལྡན་དགོས་པ་དང་། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་མྱོང་བའི་ཀྲུང་ཧྭ་མི་རིགས་ནི་དེ་བས་ཀྱང་བརྗོད་མེད་ཡིན། 2020ལོར་སླེབས་མ་ཐག་ཏོག་གསར་གློ་ཚད་རིམས་ནད་ཛ་དྲག་ངང་སླེབས་ཤིང་། ཉེན་ཁའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་རྒྱ་བཞིན་ས་གནས་ཁག་གི་སྨན་དོན་མི་སྣ་ཧུའུ་པེ་ཕྱོགས་སུ་བསྐྱོད་ཅིང་། རོགས་སྐྱོར་དངོས་ཟོག་སྣ་ཚོགས་ཉིན་མཚན་མེད་པར་ཐད་ཀར་ཅིན་ཁྲུའུ་ཕྱོགས་ལ་སྐྱེལ།རླབས་ཆེན་གྱི་གཟུགས་བརྙན་རེ་རེ་བཞིན་ང་ཚོའི་མིག་མདུན་དུ་འཆར། ཆེས་སྤྱིར་བཏང་གི་མིང་རེ་རེ་ང་ཚོའི་བློ་ངོས་སུ་ངེས་ཤིང་། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེས་ང་ཚོའི་ཡིད་སེམས་འགུལ། འབོད་སྐུལ་གྱི་བཀའ་རྒྱ་འབྱོར་མ་ཐག་ཕྱིར་བཤོལ་སྤུ་ཙམ་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་རོགས་སྐྱོར་ལ་བསྐྱོད་མཁན་ནི་ལོ་གསར་གནམ་གང་དགོང་མོར་ཝུའུ་ཧན་ཕྱོགས་སུ་ཐོན་མཁན་ལིའུ་ལི་དང་། “རིམ་འཁྱགས་ནད་”ཕོག་ཀྱང་སྔར་བཞིན་ནད་པར་བརྩེ་བའི་མིག་དང་བྱམས་པའི་ངག་གི་སྐྱོང་མཁན་ཀྲང་ཏིང་ཡུས། རིམས་ནད་སྔོན་འགོག་གི་ལས་དོན་ཁྲོད་འཐབ་གྲོགས་འགྱེལ་ཡང་སྔར་བཞིན་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཧུའུ་མིང་སོགས་ཡིན། ཁོང་ཚོ་ནི་ནམ་ཡང་མདུན་ཕྱོགས་སུ་བསྐྱོད་མཁན་“ཏང་དར་”ལྟ་བུ་ཡིན་ལ་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གིས་གཞན་གྱི་ཚེ་སྲོག་སྲུང་མཁན་“གོས་དཀར་ལྷ་མོ་”ཡང་ཡིན། ཁོང་ཚོས་དུས་རབས་གསར་པའི་རིམས་འགོག་དཔའ་བོའི་མི་སེམས་འགུལ་བའི་ལེའུ་བརྩམས་བཞིན་ཡོད།

འགག་རྩའི་དུས་སྐབས་སུ་ཀྲུང་གོའི་སྙིང་སྟོབས་ལས་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་མཚོན་ཅིང་། ཉེན་ཁའི་དུས་སུ་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལས་གོང་བུ་འགྲིལ་ཤུགས་ཆེན་པོ་མངོན།  ང་ཚོ་ས་མཐོར་གནས་ཀྱང་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་།  གཅིག་སེམས་གཅིག་ལ་སྦྲེལ་ཡོད་པས། ཕྱར་བ་གྲུ་འདེགས་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་རྒྱུ་ནི་ང་ཚོས་རིམས་ནད་དང་འཐབ་འཛིང་བྱེད་མཁན་ཀྱི་དཔའ་བོ་ཚོར་ཞུས་པའི་གུས་འདུད་ལེགས་ཤོས་དེ་ལགས།

奋勇向前,中国精神!

同时间赛跑,与病魔较量,靠的是什么?是方法上的科学和精准,是精神上的众志成城、奋勇向前! 

人是要有一点精神的,更何况是久经磨难、不屈不挠的中华民族。时光刚刚进入2020年,新冠病毒汹汹来袭。危急时刻,习近平总书记和党中央一声号令,各地医护人员逆向而行,奔向湖北;各种物资星夜驰援,直抵荆楚。我们看到了一个个伟岸的身影,记住了一个个平凡的名字,感动于一个个动人的故事。响应号召,闻令而动,义无反顾冲上防控一线的,是除夕夜驰援武汉的刘丽,是身患“渐冻症”依然笑对病人的张定宇,是战友倒下仍奋战一线的胡明,是四天三夜“骑”回抗疫一线的甘如意……他们,是永远冲锋在前的“党旗红”,是用生命守护生命的“天使白”,是召必至、战必胜的“迷彩绿”,是奔跑同行的你和我。信心的“色彩”跳动在战斗的最前线,一笔一划勾勒出新时代的抗疫英雄谱!

紧要关头,中国精神总能爆发出磅礴的中国力量。危难之时,中华民族命运共同体总会彰显强大的凝聚力。身处高原,我们与祖国同呼吸共命运心连心。同舟共济、共克时艰,就是我们对战“疫”英雄最好的致敬!